དམངས་གཙོ་བཅོས་བསྒྱུར་གྱི་དུང་སྒྲ་སྒྲོག གངས་ལྗོངས་ས་མཐོ་རུ་འོད་སྣང་ཁྱབ།
ཆོས་སྲིད་ཟུང་འབྲེལ་གྱི་ལོ་རྒྱུས་རྫོགས། །ཞིང་བྲན་ཁྲི་སྟོང་གིས་རང་ཁྱིམ་བསྐྱངས། །
གནམ་བསྐོས་དཔུང་གཉེན་ཏེ་གུང་ཁྲན་ཏང་། དམངས་ཀྱི་བདེ་སྡུག་ལ་མགོན་སྐྱབས་མཛད། །
བཅོས་བསྒྱུར་མཉམ་འདུས་ཀྱི་དུང་སྒྲ་གསལ། ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ལོ་རྒྱུས་བྲིས། །
གནའ་ལ་ལྟོགས་སྐོམ་གྱི་དཀའ་ཁག་ཆེ། ། ད་ལྟ་འབྱོར་འབྲིང་སྤྱི་ཚོགས་སུ་འབད་པས་རྒྱུགས།
བདེ་སྐྱིད་བསྟོད་གླུ་ནི་བླངས་མི་ཚར། ། གངས་ལྗོངས་མི་ཡུལ་ནི་དག་ཞིང་དངོས། །
