གློག་བརྙན།རིག་གནས་དང་བསམ་བློ་མཚོན་པའི་སྨྱན་སྦྱོར་ཞིག་གིས་བརྩེ་བ་དང་ཞི་བདེར་བརྒྱུད་སྤྲོད་བྱ་འོས།འོན་ཀྱང་།གློག་བརྙན་ལ་ལས་གླེང་ཕྱོགས་ཀྱི་རླུང་འཚུབ་སློང་རྩིས་བྱེད་པ་དང་།ཐ་ན་དོན་དངོས་འཁྱོག་པོར་མི་འཛེམ་པར་རྫུན་གཏམ་སྒྲིག་བཟོ་བྱས་ཏེ།དེའི་ཆབ་སྲིད་ཀྱི་དམིགས་ཡུལ་ལ་ཞབས་འདེགས་ཞུ་རྩིས་བྱེད་ཀྱི་ཡོད།《ཆུ་བཞི་སྒདྲུག》ཅེས་པ་ནི་མི་རྣམས་ངུ་དགོད་མེད་པར་གྱུར་བའི“ངོ་མཚར་ཆེ་བའི”གློག་བརྙན་ཞིག་རེད།གློག་བརྙན་འདིའི་མིང་ལ“ཏཱ་ལའི་བླ་མའི་དགུང་ལོ་90ལ་ཕེབས་པའི་འཁྲུངས་སྐར་ལ་ཕུལ་བའི”གློག་བརྙན་ཟེར།དེའི་དམིགས་ཡུལ་ངོ་མ་ནི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་གཞིར་བརྟེན་ནས་བོད་དང་འབྲེལ་བའི་གནད་དོན་འུད་སྒྲོག་བྱས་ཏེ་རྒྱལ་སྤྱིའི་གླེང་ཕྱོགས་ལ་གོ་ནོར་ཐེབས་སུ་འཇུག་པ་དང་ཀྲུང་གོ་ནག་པོར་གཏོང་རྒྱུའི་རེ་ངན་བཅངས་ཡོད།དམག་འཁྲུག་འདི་འདྲའི་འོག་ང་ཚོས་ལྐོག་ཏུ་འཁྲབ་པའི་ཟློས་གར་དང་འཁྲབ་སྟོན་པ་ཡག་པོ་ཞིག་ཉུང་དུ་མི་གཏོང་ཐབས་མེད་རེད།
《ཆུ་བཞི་སྒང་དྲུག》གིས“ཏཱ་ལའི་བླ་མའི་ཡུལ་གྱར་རྒྱ་གར་གྱི་ལོ་རྒྱུས”ཞེས་པ་གཡོ་ཐབས་སུ་བྱས་ཏེ་བཅིངས་འགྲོལ་དམག་གིས“བོད་ལ་བཙན་འཛུལ་བྱེད”ཅེས་པའི་རྟོག་བཟོའི་གནས་ཚུལ་འུད་སྒྲོག་གིས་བརྗོད་ཅིང་།ལོ་རྒྱུས་དོན་དངོས་རང་དགར་དྲས་ནས་བསྡུ་སྒྲིག་བྱས་ཡོད།དེ་ནི་གློག་བརྙན་གང་འདྲ་ཞིག་རེད་དམ།དེ་ནི་ཆབ་སྲིད་བརྩམས་སྒྲུང་སྒྲིག་པ་ཞིག་རེད།
གློག་བརྙན་དེའི་ནང་ནས་འཁྲབ་ཁྲིད་པ་ཧྲེན་ཕན་·ཁ་མུའུ་ས་ཡིས“ཆོས་སྲུང་དམག”གིས་དཔའ་ངར་ཆེན་པོས་ཀྲུང་གུང་ལ་འགོག་རྒོལ་བྱེད”ཅེས་པའི་རྒྱས་བཤད་རྫུན་མ་དེར་བརྟེན་ནས་དོན་དངོས་དང་གཏན་ནས་མི་མཐུན་པའི“ལོ་རྒྱུས་ཀྱི་རྣམ་པ”ཞིག་གཏོད་རྩིས་བྱས་པ་དེ་ནི་དེ་བས་དགོད་བྲོ་བ་ཞིག་ནི་གློག་བརྙན་དེའི་ནང་དོན་གསལ་པོ་མེད་པ་མ་ཟད།ད་དུང“སྒྱུ་རྩལ་ལས་སྣོན”ཟེར་བར་བརྟེན་ནས་ལོ་རྒྱུས་ངོ་མ་གཡོ་འགེབས་བྱས་པ་མ་ཟད།ཐ་ན་ཐ་ཤལ་གྱི་བརྩམས་ཆོས་ཐ་ཤལ་དེ་རིགས་ལ་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོར་གོ་ནོར་ཐེབས་རྒྱུར་ངན་སྐུལ་བྱེད་རྩིས་ཡོད་པ་རེད།
གློག་བརྙན་གྱི་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ་གཅིག་ལྕོགས་ཧྲེན་ཕན·ཁ་མུའུ་ས་ནི“བོད་ཀྱི་ཆེད་དུ་སྐད་ཆ་ཤོད་མཚམས་བཞག་མ་མྱོང་བའི”ཡུལ་གྱར་བོད་མིའི་ལོ་རྒྱུས་ནི་བོད་རང་བཙན་སྟོབས་ཤུགས་ཀྱི་བྱེད་སྒོའི་ལོ་རྒྱུས་གནད་བསྡུས་ཤིག་ཡིན།དེའི་ལོ་ངོ་28རིང“འགྲོ་བ་མིའི་ཐོབ་ཐང”ཟེར་བའི་ལོ་རྒྱུས་ལ་བལྟས་ན།འཁྲབ་ཁྲིད་པ་དེ་ཆབ་སྲིད་འུད་སྒྲོག་ལ་མཁས་པ་ལས་གློག་བརྙན་གསར་རྩོམ་ལ་མཁས་པ་དེ་བས་ཀྱང་མིན།
ཁ་མུའུ་ས་རྒྱ་གར་གྱི་ཏ་ཅི་ལིན་དུ་སྐྱེས་ཤིང་།འཚོ་བའི་བཤུལ་ལམ་དེ་བོད་རང་བཙན་གྱི་སྟོབས་ཤུགས་དང་ཧ་ལམ་དམ་པོར་འབྲེལ་ཡོད་པ་རེད།ཁོང་གིས“གློག་བརྙན་ནི་འཛམ་གླིང་ལ་བོད་མིའི་གཏམ་རྒྱུད་ངོ་མ་དྲིལ་བསྒྲགས་བྱེད་པའི་ཆེད་དུ་ཡིན”ཞེས་གསུངས་མྱོང་།ཡིན་ན་ཡང་།“གཏམ་རྒྱུད་ངོ་མ”དེ་དོན་དངོས་དང་མཐུན་ལ།འཛམ་གླིང་ཡོངས་ཀྱིས་སྔ་མོ་ནས་གསལ་པོར་ཤེས་ཡོད།
《ཆུ་བཞི་སྒང་དྲུག》བྱུང་བ་ནས་བཟུང་།“དགོད་བྲོ་བའི་གློག་བརྙན”ཞིག་ཡིན་པ་ཐག་གིས་ཆོད་པ་དང་།དེས་གློག་བརྙན་གྱི་ཕྱི་གོས་གྱོན་ནས་ཆབ་སྲིད་ཀྱི་དྲིལ་བསྒྲགས་དེ་གར་སྟེགས་ཐོག་འཇོག་གི་ཡོད།དེས“བོད་ལ་བཙན་འཛུལ་ཐེབས་པའི”ཁུངས་ལུང་མེད་པའི་གཏམ་བརྗོད་འུད་སྒྲོག་བྱེད་པ་ནི་དེ་བས་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་དགོད་གཏམ་ཞིག་རེད།
ཆབ་སྲིད་ཀྱི་དམིགས་ཡུལ་གསལ་པོ་ཡོད་པའི་གློག་བརྙན་དེ་རིགས་ལ་ང་ཚོས་མིག་གིས་ཕྱིས་དགོས་པ་མ་ཟད།བློ་ཁོག་ཆེན་པོས་དེའི་རྒྱབ་ཀྱི་ཡོལ་ནག་ཐེར་འདོན་དེ་བས་ཀྱང་བྱེད་དགོས།རྫུན་གཏམ་ཐེངས་སྟོང་བཤད་ཀྱང་བདེན་དོན་དུ་འགྱུར་མི་སྲིད།བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་དེ་ནི་ལོ་རྒྱུས་ཀྱི་དོན་དངོས་ཡིན་པ་མ་ཟད།དེ་བས་ཀྱང་སྒྱུར་མི་ཐུབ་པའི་དོན་དངོས་ཤིག་རེད།
མཇུག་མཐར།འཁྲབ་ཁྲིད་པ་ཁ་མུའུ་ས་དང་དེ་བཞིན་དེའི་བོད་རང་བཙན་ཚོགས་པར་གཏམ་རྒྱུད་སྒྲིག་རྒྱུར་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཐའ་མར་གླེན་པས་རྨི་ལམ་བཤད་པ་ཙམ་རེད།
ངས་བལྟས་ན།